ཁྱུང་རྫམ་འཆམ་གྱི་འབྱུང་ཁུངས།
སྔོན་དུས་རབས་ ༨ པའི་ནང་ ས་བདག་འཁོར་བཅས་ཀྱིས་ནད་གཞི་འཚུབས་ཅན་འདྲ་མིན་སྣ་ཚོགས་ཀྱི་སྒོ་ལས་ སེམས་ཅན་ལུ་གནོད་དེ་ འགྲོ་བ་རིགས་དྲུག་ལུ་བཟོད་མེད་ཀྱི་སྡུག་བསྔལ་མྱོངམ་ད་ འགྲོ་བ་རིགས་དྲུག་སྡུག་བསྔལ་ལས་གྲོལ་ཐབས་ལུ་ གུ་རུ་པདྨ་སམ་བྷ་བ་མཆོག་གིས་ བྱ་ཁྱུང་གི་གཟུགས་སུ་སྤྲུལ་ཏེ་ བདུད་འདུལ་གྱི་འཕྲིན་ལས་མཛད་དེ་ ཞི་བའི་ས་བོན་བཏབ་པའི་ཚུལ་སྟོནམ་ཨིན།