ཤཝ་ཤ་ཁྱི་འཆམ་གྱི་འབྱུང་ཁུངས།
སྔོན་དུས་རབས་ ༡༡ པའི་ནང་ རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ རྗེ་བཙུན་མི་ལ་རས་པ་ཟེར་ཞུ་མི་འདི་ བོད་དང་བལ་ཡུལ་གཉིས་ཀྱི་ས་མཚམས་ སྙི་ཤང་ཀུར་ཏ་ཟེར་བའི་དབེན་གནས་ལུ་ བྲག་ཕུག་ཀཏྱ་ཟེར་མི་ནང་བཞུགས་པའི་དུས་སྐབས་ཅིག་གི་ཚེ་ གནས་དེའི་ཕུག་ལ་མར་ཁྱི་སྐད་ཅིག་ལྷང་ལྷང་བྱུང་ནུག། ག་ཅི་ཨིན་ན་མནོ་སྟེ་ བྲག་ཕུག་གི་འོག་ རྡོ་ཕུང་ཅིག་གུ་བྱོན་ཏེ་ ཐུགས་སྙིང་རྗེ་ཆེན་པོའི་ངང་ལུ་བཞུགསཔ་ད་ ཤཝ་གནགཔོ་སྤུ་ཉག་མ་རེ་ལས་རྔུལ་ནག་ཐིག་པ་རེ་བབས་མི་ཅིག་ བྱོག་སྟེ་བླ་མའི་ཁ་ཐུག་སྐྱབས་ཞུ་བར་འོངམ་ད་ ཐུགས་སྙིང་རྗེའི་ངང་ལས་ བློ་ཆོས་ལུ་སྒྱུར་བའི་མགུར་མ་ཅིག་གསུངམ་ད་ ཤཝ་དེ་མིག་ཏོ་ནང་ལས་མིག་ཆུ་ཤོར་ཏེ་ རྗེ་བཙུན་གྱི་ན་བཟའ་ལྕེ་གིས་བལྡག་ཞིནམ་ལས་ རྗེ་བཙུན་གྱི་གཡས་ཕྱོགས་ལུ་ཉལ་ཏེ་སྡོད་ནུག། དེ་གི་བར་ན་རང་ ཁྱི་མོ་དམར་མོ་པན་ཙེ་ལེ་ཤ་གིས་སྐེ་སྐོར་བརྐྱབས་མི་ཅིག་ ལྕེ་དར་ཡུག་བཟུམ་སྦེ་བརྐྱང་ ཞེ་སྡང་དྲག་པོའི་སེམས་ཀྱིས་ སྐད་དྲག་བཏོན་ཏེ་ གློག་འཁྱུག་དོ་བཟུམ་སྦེ་ ཤཝ་གི་རྗེས་བཅད་དེ་ལྷོད་མི་ལུ་ ཐུགས་སྙིང་རྗེའི་ངང་ལས་ བློ་ཆོས་ལུ་སྒྱུར་བའི་མགུར་མ་ཅིག་གསུངས་གནངམ་ད་ ཁྱི་མོ་དེ་ཡང་ མཇུག་མ་རིལ་རིལ་སྦེ་ ན་བཟའ་ལྕེ་གིས་བལྡག་སྟེ་ རྗེ་བཙུན་གྱི་གཡོན་ཕྱོགས་ལུ་སྡོད་ཞིན་ན་ ཤཝ་དང་མ་བུ་བཟུམ་བརྩེ་བ་ཅན་སྦེ་སྡོད་ནུག། སེམས་ཅན་དེ་གཉིས་ཀྱི་ཤུལ་ལས་ མི་ནག་སྡིག་ཅན་ མིག་རྩ་འཁྲུགས་པ་ སྐྱ་སྤྱི་གཙུག་སྦུག་བཅིངས་ བགོ་གི་མཐའམ་གཡས་བརྫེས་གཡོན་བརྫེས་སྦེ་ ལག་པར་མདའ་གཞུ་འབག་ དབུགས་ཁར་ཤོང་མ་ཤོང་སྦེ་ རྔུལ་ནག་ཁྲག་བཟུམ་འབབ་མི་ཅིག་ལྷོད་དེ་ ཁྱི་དང་ཤཝ་རྗེ་བཙུན་གྱི་སྐུ་མདུན་ལུ་ མ་བུ་བཟུམ་སྡོད་སར་མཐོངམ་ད་ སྒོམ་ཆེན་དེ་གིས་ ཁྱི་དང་ཤ་ཝ་ལུ་ ངན་ཅིག་རྐྱབ་རྐྱབ་མེན་ན་མནོ་བའི་ཞེ་སྡང་ལངས་ཏེ་ “ཁྱེད་སྒོམ་ཆེན་ཚུ་ལས་ཁྱབ་ཆེ་བ་ཅིག་མིན་འདུག། མཐོ་གངས་དཀར་སྟེང་ལུ་རི་དྭགས་བསད་སར་ཡང་ཁྱེད་ལྷོད་པས། བར་གྲོང་ཡུལ་ནང་ ཁེ་ཚོང་དང་འཐབ་མོ་འབད་སར་ཡང་ཁྱེད་ལྷོད་པས། དམའ་བ་རྒྱ་མཚོའི་འགྲམ་ལུ་ཉ་བཟུང་སར་ཡང་ཁྱེད་ལྷོད་པས། ཁྱེད་རེ་རེ་གཉིས་གཉིས་འདི་བསད་རུང་སྐྱོན་མིན་འདུག། ཁྱོད་ཀྱིས་ངེའི་ཤཝ་དང་ཤ་ཁྱི་གཉིས་ སྐྱབས་ཚུགས་དོ་བཟུམ་ ཁྱོད་ཀྱི་རས་གོས་དེ་གིས་ ངེའི་མདའ་འདི་ཡང་ སྐྱབས་ཚུགས་མི་ཚུགས་བལྟ་གེ་སྨ་རེ” ཟེར་སླབ་སྟེ་ མདའ་བཀངམ་ད་ མདའ་ལྟོང་ལས་ཤོར་འགྱོཝ་ད་ རྗེ་བཙུན་གྱིས་ “ཁྱོད་ཀྱི་མདའ་དེ་ ནམ་ཡང་རྐྱབ་ལོང་འོང་ དང་པ་ངེའི་གླུ་ལུ་ཉན་ལོང་ཡོདཔ་ཅིག་འབད་” ཟེར་གསུངས་ཏེ་ ཁྱི་ར་བ་མགོན་པོ་རྡོ་རྗེ་ སྣང་བ་ཆོས་ལུ་སྒྱུར་བའི་མགུར་མ་ཅིག་གནངམ་ལས་ མགོན་པོ་རྡོ་རྗེ་ཡང་ ཁྱི་དང་ཤཝ་གི་སྡོད་ཚུལ་དང་ མདའ་ལྟོང་ལས་ཤོར་མི་ཚུ་ལུ་མནོ་བསམ་བཏངམ་ད་ སྒོམ་ཆེན་རས་པ་འདི་ ཡང་ན་ ངན་སྔགས་མཁན་ཅིག་དང་ ཡང་ན་ བླ་མ་ཁྱད་པར་ཅན་ཅིག་ཨིནམ་འོང་ནི་མས་མནོ་བའི་ཐེ་ཚོམ་བསྐྱེད་དེ་ བླ་མའི་སྤྱོད་ལམ་ལུ་བརྟག་དཔྱད་འབད་དགོ་པས་མནོ་ སྒྲུབ་ཕུག་ནང་ན་སོང་སྟེ་ལྟཝ་ད་ ཟ་ནི་ཧོད་སྟོང་ཟྭོ་ཆག་གི་རྩ་བ་ཅིག་མ་གཏོགས་ གཞན་ག་ནི་ཡང་མིན་འདུག་ཟེར་ཨིན་མས། དེ་ལས་ བླམ་ལུ་དད་པ་དང་མོས་གུས་སྦོམ་བསྐྱེད་དེ་ ཁྱི་དང་ཤཝ་ མདའ་གཞི་དང་ཞགས་པ་ཚུ་ག་ར་ འབུལ་བ་སྦེ་ཕུལ་ཏེ་ ཆོས་ཞུ་ཞིན་ན་ ཤུལ་མར་ རྗེ་བཙུན་གྱི་སློབ་མ་ཁྱི་ར་རས་པ་ ཟེར་མི་ཐུགས་སྲས་གཅིག་བྱུང་ཡོད་མིའི་རྣམ་ཐར་ལུ་གཞིར་བཞག་སྟོནམ་ཨིན།
ནི་དང་ ངལ་མ་རངས་པའི་ལྕགས་པ་སངས་རྒྱས་ཀྱི་ཕྱོགས་གཏོགས་དགྲ་བྱང་ཕྱད་ཚུ་ལས་ སྲུང་སྐྱོབ་ཀྱི་དོན་ལུ་ བྱིས་པའི་དཔའ་བོ་རྐྱབ་མི་ མི་གཉིས་ཀྱིས་གྱལ་གཡས་གཡོན་ལས་ཡར་མར་བརྗེ་སྟེ་ འཆམ་གྱི་ལེའུ་བསྒྱུར་བརྫུ་བཏབ་སྟེ་ མི་ཚུ་ཕར་བདའ་ཚུར་བདའི་ཐོག་ལས་ སྲུང་སྐྱོབ་འབད་བའི་ཚུལ་དང་ ནང་ལྟར་དུ་མི་འཇིགས་པའི་དཔའ་བོའི་མཐུ་སྟོབས་ཕྱི་ཁར་བཏོན་པའི་རྟགས་མཚན་དང་ རྟེན་འབྲེལ་གྱི་ཆེ་བ་ལུ་དགོངས་ཏེ་ བཀྲིས་ཆོས་རྫོང་གི་ཕྱི་ཁར་ ཐང་རྫོང་ནང་སར་༼ད་རེས་ནངས་པ་གཞི་གཡོགཔ་ཚུའི་སྣུམ་འཁོར་བཞག་ས༽ ཐང་ལ་བདེཝ་འགོར་ཐོག་ལས་ བྱིས་པའི་དཔའ་བོ་ཟེར་བའི་སྲོལ་ཁྱུན་འགོ་ཐོག་དེ་བསྒང་ དཔོན་སློབ་ཧཱཔ་གིས་བཙུགས་གནང་པའི་ལོ་རྒྱུས་ཨིན་མས།