མདའ་འཆམ།།
- དགོན་བཟང་ཁྲ་མོའི་ནང་དུ།། བླ་མ་བརྒྱ་དང་རྩ་བརྒྱད།། མཁྱེན་བརྩེ་ནུས་གསུམ་ལྡན་ན།། མཚན་ལྡན་བླ་མ་ཞུ་ཆོག།། *༢ རྫོང་ཆེན་ཁྲ་མོའི་ནང་དུ།། དབང་ཆེན་བརྒྱ་དང་རྩ་བརྒྱད།། མི་སེར་བདེ་བར་སྐྱོང་ན།། དཔོན་བཟང་ཆོས་ཀྱི་རྒྱལ་པོ།། *༢
- རེས་ཆུང་འཛམས་བུ་གླིང་ལུ་ཡ་ལ།། དེད་པའི་གངས་ལས།། དཔལ་གྱི་ཉི་མ་་་གོངས་ལས་ཡ་ལ་ནི་ཤར་བར་ཤོག།། ཤར་ཕྱོགས་དཀར་པོ་ལྡུམ་རེ་ཡ་ལ།། དེད་འོང་ལས་ལ།། མེ་ཏོག་པདྨ་དང་གྲག་ཡ་ལ་ནི་དེམ་ཅིག་ཤར།།
- འདན་འབྲེས་ཕ་ཚུ་་་་་་་ཕ་ལ་གཅིག་་་་་་་ཞུགས་པའི་ཨ་རོ་ཚུ།། ལུང་པ་གསེར་གྱི་་་་་་་་་་་་་་་་་་་ལུང་པ་ལ་གཡུས་སྒོ་ཨའི།། *༢ གསེར་གྱི་ལ་ལུང་པ་་་་་་་་་ མཁའ་སྒྲོ་ལ་་་་་་་་་ ཕྱག་ཤོ་ཨ་རོ་ཚུ།། དང་དཀར་ལྡན་པའི་་་་་་་ཉིསཤོ་གཅིག་་་་་་ གཡར་ད་ཨའི།།*༢
- བྱིའུ་ཅུང་ཐ་དཀར་སྒྲོལ་མ།། ཁྱོད་དང་ང་ཡང་འདྲ་སོང་།། འགྱོ་ན་ལམ་ཐག་མ་ཆོད།། སྡོད་ན་འུག་པ་འདྲ་སོང།། *༢ དགུང་དང་སྤྲིན་གྱི་མཚམས་ལས།། གསེར་གྱི་བྱ་མོ་ཕུལ་དེ།།གསེར་གྱི་བྱ་མོ་མེན་པ།། ཡུམ་ཆེན་ཨིན་ན་དགའ་སོང།། *༢
- ཆུ་མོ་ཆུ་རིས་ལ་ཤིག་ཤིག།། *༢ ཆུ་རིས་ཤིག་ཤིག།། གངས་སྟོད་གཡས་ལས་བབས་ཡེད།། ནང་ལ་འཆོང་སེ་ཡོ་ཡོ།། *༢ མཚན་ལྡན་ལེགས་པའི་མེ་ཏོག།། *༢ ལེགས་པའི་མེ་ཏོག།། དགོན་བཟང་ཁྲ་མོར་ཤར་ཡོད།། ནང་ལ་འཆོང་སེ་ཡོ་ཡོ།། *༢
- རྒྱ་ལ་ཚེ་རིང་མི་བཞུགས།། རྒྱ་ལ་ཚེ་རིང་བཞུགས་ཡོད། རྒྱ་ལ་ཚེ་རིང་བཞུགས་ན།། ཉི་མ་ལ་སོ་ཤར་གྱི་ཕྱོགས་བཞུགས་ཡོད།།
- དགོན་བཟང་གཡུས་ལུ་ཅིགགཟིགས་ད།། མཚན་ལྡན་བླ་མ་ཆོས་སྒྲ་ཅིག་ཞེས་ཞེས།། རྫོང་ཆེན་གཡུས་ལུ་ཅིགགཟིགས་ད།། དབང་ཆེན་དཔོན་པོ་བཀའ་ཆེན་གྱི་རུ་རུ།།
- ཁང་པ་ལ་རྒྱ་ཤུགས་དཀར་ཅུང་།། དགའ་བ་འདུག།། རབ་གསལ་ལ་གསེར་གྱི་པ་ཌ།། སྐྱིད་པོ་འདུག་ལ།། *༢ འདི་གྱི་ལ་ནང་དུ་སུང་དང་།། སུང་མི་བཞུགས།། འདི་གྱི་ལ་ནང་དུ་མཚན་ལྡན།། བླ་མ་བཞུགས།། *༢
- དགོནམ་རྟ་ལོག་དཔལ་གྱི་དགོན་པ་ལུ་ལ།། སྒོ་གསེར་སྒོ་གཅིག་དང་དངུལ་སྒོ་ལས་གཉིས།། ཕྱི་སྒོ་ར་སྒོ་འདི་གསེར་གྱི་སྒོ་ར།། གནང་གཟིམ་ཅུང་སྒོ་འདི་དངུལ་གྱི་ལས་སྒོ།།
- མཚན་ལྡན་ལེགས་པའི་གྱི་མེ་ཏོག།། *༢ ལེགས་པའི་མེ་ཏོག།། དགོན་བཟང་ཁྲ་མོར་ཤར་ཡོད།། ནང་ལ་ཆུང་སི་ཡོ་ཡོ།།
- ཤོག་ཤོག་ཚེ་རིང་འཇའ་སྨུག་ཤོག།། ལ་མོ་སྣང་ཐང་ལ་མོ།། ཁ་བ་ཆེན་པོ་རྒྱབ་སོང་།། ཚེ་རིང་འཇའ་སྨུག་ཤོག་ཤོག།།
- ཆུ་མོ་གཙང་ཆུ་འབྱུང་སའི་རྐང་མགུ་ལས།། ཤིང་མི་སྐྱེད་མནོ་བ་ཤིང་གཅིག་སྐྱེད།། བྱ་མི་འཁོར་མནོ་བ་བྱ་གཅིག་འཁོར།། རང་ཤིང་དང་བྱི་ཅུང་གཉིས་སྐུ་མོ།། རང་སྔོན་ཐོག་ཕྱད་པའི་བསྒང་ལས་རང་།། ཨའི་མི་འབྲལ་གཏམ་གྱི་ཁ་ཚིག་ཡོད།།
- སྐལ་བཟང་གསེར་ཁྲིའི་སྟེང་ལ།། དྲིན་ཅན་རྩ་བའི་བླ་མ།། སྐལ་པ་བཟང་སོ་ལ།། ངེའི་ནོར་བུ་རེ་རེ་གཅིག་འཁྲུངས་སོང་།། ནོར་བུ་བཟང་སོང་ལ།། ངའི་ནོར་བུ་ཨོ་ལོའི་གླུ་ལ་གསོན་དང་།།
- རྟ་ཕོ་ཚེ་རིང་འཇམ་པ།། ཉོ་ལ་ནི་བསམ་པ་ཡོང་ཡོང་།། ཚེ་རིང་འཇམ་པ་ཉོ་ལ་ནི་བསམ་པ་ཡོང་ཡོང་།།*༢ མཐུར་ཐག་གསེར་གྱི་ཨ་ལོ།། རྟགས་ལ་ནི་བསམ་པ་ཡོང་ཡོང་།། གསེར་གྱི་ཨ་ལོ་རྟགས་ལ་ནི་བསམ་པ་ཡོང་ཡོང་།།*༢
- དགོན་བཟང་མི་ཆགས།། དགོན་བཟང་ཆགས་པ་ལ་གྱི་ཡོ་ཡོ།། དགོན་བཟང་རྟ་ལོ་དགོན་པ་ཆགས་པ་ལ་གྱི་ཡོ་ཡོ།།*༢
- རི་ལ་ཆེན་པོ་རི་ཡི་རྩ་བ་ནང་།།*༢ ཨ་རོ་ཚུ།། ཆུ་མར་འགྲོ་འགྲོ་འགྲོ་དི་ལས་གསེར་ཅིག་འཁྲུངས་།།*༢ ཆུ་མར་འགྲོ་འགྲོ་འགྲོ་དི་ལས་གསེར་ཅིག་འཁྲུངས་ན།། ཨ་རོ་ཚུ།། ཕོ་བསོད་ནམས་ཅན་གྱི་ལྷ་ལ་ཡོན་ཆབ་ཕུལ།།*༢
- བྱ་མོ་འཁོར་འདོད་ཅན་གཅིག་ལ་་་འཁོར་འདོད་ཅན་་་་་་་ལ།། བྱ་མོ་འཁོའ་འདོད་ཅན་གྱིས་ལ་་་ཚང་གཅིག་་་་་་འཚོལ།། ཚང་གཞན་དང་གཞན་ལུ་ལ་་་་མ་འཚོལ་བར་་་་་ལ།། ཤིང་དལ་ཤིང་སྐམ་པའི་ལ་ རྩེ་ལུ་་་་་་་་འཚོལ།།
- སྟོན་སྐྱོ་གླིང་གྱི་ལྕངགླིང་ལ་ནི་སྒྲུབ་ཞི།། འོད་ཟེར་སྒྲོལ་མ་ཧ་ལས་ལ་ནི་མེ་ཏོག་གྲ།།*༢ ཁ་དོ་ཚར་བ་