༈ འབྱོན་ལ་ཨྱོན་དགའ་ཚལ་ལྷ་ཁང་ལོ་ལྟར་ཚེས་བཅུ་ ཆེན་མོ་ཉིན་གཉིས་པ་ ལས་རིམ་གཤམ་གསལ་ལྟར།།
1. ཞབས་བྲོ།
2. མེེ་འཆམ།་་་་་༼འབོད་འཆམ་པ༽
3. ཞྭ་ནག་རྔ་འཆམ། ་་་་་་་་་་་་༼ སྒོམ་སྡེ་ནས ༽
4. ཞབས་བྲོ།
5. རཀྴ་འགོ་འཆམ།་་་་་་་་་་་་་་་་་་་་་་་་་་༼འབོད་འཆམ་པ༽
6. ཞབས་བྲོ།
7. གུ་རུ་མཚན་བརྒྱད། ་་་་་་་་་་་་་་་༼ སྒོམ་སྡེ་ནས ༽
8. དཔའ་འཆམ།་་་་་་་་་་་་་་་་་་་་་་་ ༼ བོད་འཆམ་པ ༽
9. ཞབས་བྲོ།
ཉིམ་མའི་གསོཝ།
10. ཞབས་བྲོ།
11. སངྱས་གླིང་པ་རྔ་འཆམ་། ་་་་་་་་་་་་་་་་་་་་་་༼ བོད་འཆམ་པ ༽
12. ཞབས་བྲོ།
13. མཚོ་གླིང་།་་་་་་་་་་་་་་་་་་་་་་་་་་༼ སྒོམ་སྡེ་ནས༽
14. གིང། ་་་་་་་་་་་་་་་་་་་་་་་་༼ བོད་འཆམ་པ ༽
15. ཞབས་བྲོ། ལིའུ་གསུམ་གྱི་མཇུག་བསྡུ་རྒྱུའོ།།
བསྟེན་འབྲེལ་འཕུན་སུམ་ཚོགས་པ་ ངམ་ག་ནོང་ཀ་ སྔོན་བྱོན་རྒྱལ་བ་གོངམ་དང་ ཕམ་བཟང་པོ་འབག་ཀི་ མཛེད་གནང་ནི་ཆོས་ཁན་ འབྱོན་ལ་ཨྱོན་དགའ་ཚལ་ལྷ་ཁང་ ལོ་ལྟར་ཚེས་བཅུ་ཆེན་མོ་ གཉིན་གྲངས་ ༣ དུས་སྟོན་ བརྩི་སྲུང་ཞུ་ལས་ཆོས་ཁན་ ཉིམ་གཉིས་པ་ག་ སྐུ་དྲིན་གཙོ་ཨ་ནི་ འབྱོན་གནང་ཁན་ དྲིན་ཅན་རྩ་བའི་བླ་མ་གི་ ཨུ་རྩ་ནི་ རྒེད་འོག་ག་འཁྲིས་འཛིན་དང་ འཁྲིས་འཛིན་འོག་མ་ སྤྱི་ཚོགས་ག་ཚོགས་པ་ ས་གནས་སོ་སོ་གའི་འབྱོན་གནང་ཁན་ ལས་སྡེ་ཁག་ག་འགོ་དཔོན་ མི་སེར་ཆེས་དྲིང་ཆུང་གསུམ་ཡོང་ཀ་ ཀུ་གཟུགས་བཟང་པོ་དང་ འབྱོན་པ་ལེགས་སོ་ཨ་ནི་གཞུ་ཅ་ལགས།འབྱོན་ལ་ ཨྱོན་དགའ་ཚལ་ལྷ་ཁང་ ལོ་ལྟར་ཚེས་བཅུ་ཆེན་མོ་
- ལས་རིམ་ ༡ པ་ནང་ཀ།།
ཞབས་བྲོ།
- ལས་རིམ་ ༢ པ་ནང་ཀ།།
མེེ་འཆམ།་་་་་༼འབོད་འཆམ་པ༽
- ལས་རིམ་ ༣ པ་ནང་ཀ།།
ཞྭ་ནག་རྔ་འཆམ། ་་་་་་་་་་་་༼ སྒོམ་སྡེ་ནས ༽
- ལས་རིམ་ ༤ པ་ནང་ཀ།།
ཞབས་བྲོ།
- ལས་རིམ་ ༥ པ་ནང་ཀ།།
རཀྴ་འགོ་འཆམ།་་་་་་་་་་་་་་་་་་་་་་་་་་༼འབོད་འཆམ་པ༽
- ལས་རིམ་ ༦ པ་ ནང་ཀ།།
ཞབས་བྲོ།
- ལས་རིམ་ ༧ པ་ ནང་ཀ།།
འབྲུག་རྒྱལ་ཁབ་ནང་ཀ་ སྐུ་འཆམ་མ་འདྲཝ་མང་པོ་ཐུར་ཆོ་བ་ནང་
ཀའི་ རྩ་ཆེ་ཏོག་ཏོ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་ ཕྱི་ལྟར་དུ་
འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ བྱ་རྫིམོ་གི་བུ་ཨ་ནི་སྐྱེ་བ་
བཞེས་ནི་ སྤྱིར་འཛམ་བུ་གླིང་ག་ རྒྱལ་ཁམས་ མཐའ་དབུས་མེད་
པར་ འགྲོ་བ་སེམས་ཅན་བག་ཀ་ ཞིང་ཁམས་ག་འདྲེན་ནིའི་ ཐུགས་
བསྐྱེད་ སྨོན་ལམ་གྱིས་ཨ་ནི་ གུ་རུ་མཚན་བརྒྱད་ཟེར་ སྤྲུལ་པའི་
མཚན་བརྒྱད་ཀྱི་ རྣམ་པ་ ཨ་ནི་ བྱོན་ནང་མ་ གར་འཆམ་ ཁའི་
མི་མང་ག་ སྒོམ་སྡེ་གི་ཨ་ནི་ཅན་འབུལ་འཕུལ་ཅ་ཨ་ནི་གཞུ་ལེས་
ལགས།།
- གུ་རུ་མཚན་བརྒྱད་བུ་དང་པ། གུ་རུ་རྡོ་རྗེ་གྲོ་ལོད་ ཨ་ནི་ཞུ་ཁན་བུ་ སྤ་རོ་སྟག་ཚང་ ལ་སོགས་པའི་ གནས་ཆེན་ཙ་ཆེ་རྟོག་རྟོག་ རྡོ་རྗེ་དྲག་པོའི་ སྐུར་བཞེངས་ནི་ སངས་རྒྱས་ཀྱི་བསྟན་པ་ག་ ངོ་ལོག་ཁན་ ལྷ་འདྲེ་གདུག་པ་ཅན་འབག་ དམ་བཏགས་ནི་ སངས་རྒྱས་ཀྱི་ ལུང་རྟོགས་ ཆོས་ཀྱི་བསྟན་པ་ རིན་པོ་ཆེ་ དར་བར་བྱིན་གྱིས་བརླབས་གནང་ནི་ མཚན་ཡང་རྡོ་རྗེ་གྲོ་ལོད་ ཨ་ནི་ཞུ་གསོལ་ལགས། གུ་རུ་རྡོ་རྗེ་གྲོ་ལོད་དང་འཁོར།
- གཉིས་པ། གུ་རུ་མཚོ་སྐྱེས་རྡོ་རྗེ་ ཨ་ནི་ཞུ་ཁན་བུ་ རྫོགས་པའི་སངས་རྒྱས་ སྐུ་མྱ་ངན་ལས་འདས་པའི་ ཞལ་ཆེམས་ལྟར་དུ་ ཨོ་རྒྱན་ག་ཡུལ་ དྷ་ན་ཀོ་ཤའི་མཚོ་གླིང་དུ་ མེ་ཏོག་པད་མའི་ སྡོང་པོ་ལས་ སྐུ་འཁྲུངས་ནི་ རྒྱལ་པོ་ཨིན་དྲ་བྷུ་ཏི་ག་ སྲས་ཨ་ནི་ སྤྱན་དྲངས་པའི་སྐབས་ག་ མཚན་ཡང་ མཚོ་སྐྱེས་རྡོ་རྗེ་ ཨ་ནི་ཞུ་གསོལ་ལགས།
- གསུམ་པ། གུ་རུ་པད་མ་སམ་བྷ་ཝ་ ཨ་ནི་ཞུ་ཁན་བུ་ སྲསམོ་མན་དྷ་ར་བ་ རྗེས་སུ་བཟུང་བའི་རྐྱེན་གྱིས་ ཟ་ཧོར་རྒྱལཔོ་གིས་ གསོན་བསྲེག་མཛད་པའི་སྐབས་ མེ་ཕུང་ཁའི་ མཚོ་ག་བསྒྱུར་ནི་ རྫུ་འཕྲུལ་སྟོན་ནང་ནི་ ཟ་ཧོར་རྒྱལ་ཁབ་ཆོས་ག་ བཀོད་ནི་ མཚན་ཡང་ པད་མ་སམ་བྷ་བ་ ཨ་ནི་ཞུ་གསོལ་ལགས།
- བཞི་པ། གུ་རུ་ཤཱཀྱ་སེང་གེ་ ཨ་ནི་ཞུ་ཁན་བུ་ རྒྱལ་སྲིད་སྤང་ནི་ སློབ་དཔོན་ཆེན་པོའི་ སྐུ་མདུན་ག་ རབ་ཏུ་བྱུང་ནི་ མདོ་སྔགས་ལུགས་ཀྱི་ཆོས་ ཡོངས་སུ་རྫོགསཔ་པ་ གསན་པའི་ཚུལ་སྟོན་གནངམ་ནི་ མཚན་ཡང་གུ་རུ་ཤཱཀྱ་སེང་གེ་ ཨ་ནི་ཞུ་གསོལ་ལགས།
- ལྔ་པ། གུ་རུ་བློ་ལྡན་མཆོག་སྲེད་ ཨ་ནི་ཞུ་ཁན་བུ་ རྒྱ་གར་འཕགས་པའི་ཡུལ་ག་ མཁས་པ་ཚུ་ལས་ རིག་པའི་གནས་དང་ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ ཡོངས་རྫོགས་གསན་ནི་ གྲུབ་པ་ཉོང་ནི་ ཡི་དམ་ག་ལྷ་འབག་ ཞལ་གཟིགས་ནི་ མཚན་ཡང་ གུ་རུ་བློ་ལྡན་མཆོག་སྲེད་ ཨ་ནི་ཞུ་གསོལ་ལགས།
- དྲུག་པ། གུ་རུ་པད་མ་རྒྱལ་པོ་ ཨ་ནི་ཞུ་ཁན་བུ་ ལོག་ཉི་ ཨོ་རྒྱན་ཡུལ་ག་བྱོན་པའི་སྐབས་ བདུད་དེ་ཚུ་གིས་ གུ་རུའི་ཡབ་ཡུམ་གཉིས་ཆ་ར་ གཅིག་ཁར་སྦེ་ གསོན་བསྲེག་ཕུལ་རུང་ འབྱུང་བ་ མེ་གིས་མ་འཚིགས་པའི་ རྟགས་སྟོན་གནང་ནི་ རྒྱལ་པོ་ག་ རྒྱལ་སྲིད་མངའ་འབངས་དང་བཅས་ ཕུལ་བ་ག་ མཚན་ཡང་ པད་མ་རྒྱལ་པོ་ ཨ་ནི་ཞུ་གསོལ་ལགས།
- བདུན་པ། གུ་རུ་ཉི་མ་འོད་ཟེར་ ཨ་ནི་ཞུ་ཁན་བུ་ དུར་ཁྲོད་ཆེན་པོ་བརྒྱད་ ག་བཞུགས་ནི་ མཁའ་འགྲོ་མ་འབག་ཀ་ ཆོས་གསུངས་གནང་ནི་ ལྷ་འདྲེ་གདུག་པ་ཅན་འབག་ཀ་ སྲོག་ལེན་ཞིནམ་ལས་ བསྟན་པ་སྲུང་མི་སྦེ་ བསྐོས་གནང་ནི་ མཚན་ཡང་ཉི་མ་འོད་ཟེར་ ཨ་ནི་ཞུ་གསོལ་ལགས།
- མཇུག་ར། གུ་རུ་སེང་གེ་སྒྲ་སྒྲོག་ ཨ་ནི་ཞུ་ཁན་བུ་ རྒྱ་གར་རྡོ་རྗེ་གདན་ག་ ཕྱི་རོལ་ མུ་སྟེགས་པའི་ སྟོན་པ་ལྔ་བརྒྱ་ག་ ནང་པ་སངས་རྒྱས་པའི་བསྟན་པ་ བཤིགས་པའི་དུས་ལུ་ ལུང་དང་རིག་པའི་རྩོད་པ་ག་ ཚར་བཅད་གནངམ་ནི་ དྲག་པོའི་སྔགས་ཀྱིས་ ནམ་མཁའ་ལས་གནམ་ལྕགས་ཕབ་ནི་ བསྒྲལ་གནངམ་ནི་ མཚན་ཡང་སེང་གེ་སྒྲ་སྒྲོག་ ཨ་ནི་ཞུ་གསོལ་ལགས།
- ལས་རིམ་ ༨ པ་ ནང་ཀ།།
དཔའ་འཆམ།་་་་་་་༼ བོད་འཆམ་པ ༽ དཔའ་འཆམ་གྱི་འབྱུང་ཁུངས།
སྔོན་དུས་རབས་ ༡༥ པའི་ནང་ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ རིག་འཛིན་པདྨ་གླིང་པ་ ཨྱོན་རིན་པོ་ཆེའི་ ཞབས་དྲུང་དུ་ བྱོན་པའི་སྐབས་ལུ་ གཟིགས་དོ་བཟུམ་ རྔ་ཡབ་ ཟངས་མདོག་དཔལ་རིའི་ རྩེ་མོ་ལུ་ པདྨ་འོད་ཀྱི་ཕོ་བྲང་ ཡེ་ཤེས་ཀྱི་ རང་མདངས་ འགག་མེད་དུ་ཤར་བའི་བཀོད་པ་ ག་ཅི་དེ་ངོ་མཚར་བ་ ནམ་མཁའི་ དབྱིངས་ལྟར་ཟབ་ཅིང་ རྒྱ་ཆེ་བའི་དབུས་ལུ་ རྒྱལ་བ་ཀུན་གྱི་ སྤྱི་གཟུགས་ རིག་འཛིན་པདྨ་ ཐོད་འཕྲེང་རྩལ་ ས་གསུམ་ འགྲོ་བ་འདྲེན་པའི་ མགོན་དང་ དཔུང་གཉེན་ཆེན་པོར་ བཞུགས་པའི་ ཕྱོགས་མཚམས་ག་ར་ འཇའ་འོད་ཐིག་ལེའི་དཀྱིལ་འཁོར་ བར་མཚམས་མེད་པར་གང་བའི་ཀློང་ན་ རིག་འཛིན་གྱི་ ཡིད་དམ་དཔའ་བོའི་ ལྷ་ཚོགས་དང་ མཁའ་འགྲོ་དཔའ་མོའི་ ལྷ་ཚོགས་ཚུ་ ཞི་དྲག་གི་སྤྲུལ་པ་ སྣ་ཚོགས་ལུ་སྟོན་པའི་ ཟློས་གར་ཅིར་ཡང་བསྒྱུར་ གསུང་ཐེག་ཆེན་གྱི་ཆོས་ སྒྲ་སྒྲོག་པའི་གླུ་དབྱངས་ལེན་ཏེ་ འཇིག་རྟེན་དང་ འཇིག་རྟེན་ལས་ འདས་པའི་གདུལ་བྱ་ཚུ་ ཐར་པའི་ཞིང་ཁམས་ལུ་ འདྲེན་པའི་དོན་ལུ་ ཟབ་ཅིང་རྒྱ་ཆེ་བའི་ ཆོས་ཀྱི་དགའ་སྟོན་གྱི་ སྤྲིན་ཕུང་གཡོ་བཞིན་པའི་ གར་འཆམ་དེ་ལུ་ དཔའ་འཆམ་ཟེར་ཞུཝ་ཨིན། དེ་མི་ཡུལ་གྱི་ གདུལ་བྱ་དད་པ་ཅན་ཚུ་ ཨྱོན་ཆོས་ཀྱི་རྒྱལ་པོའི་ ཞབས་དྲུང་ལུ་ འདྲེན་པའི་ཐབས་ལུ་ མཛད་ཡོདཔ་ཨིན་ནོ།
- ལས་རིམ་ ༩ པ་ནང་ཀ།།
ཞབས་བྲོ།
ཉིམ་མའི་གསོཝ།
- ལས་རིམ་ ༡༠ པ་ནང་ཀ།།
ཞབས་བྲོ།
- ལས་རིམ་ ༡༡ པ་ནང་ཀ།།
སངྱས་གླིང་པ་རྔ་འཆམ་། ་་་་་་་་་་་་་་་་༼ བོད་འཆམ་པ ༽
- ལས་རིམ་ ༡༢ པ་ནང་ཀ།།
ཞབས་བྲོ།
- ལས་རིམ་༡༣ པ་ནང་ཀ།།
མཚོ་གླིང་།་་་་་་་་་་་་་་་་་་་་་་་་་་༼ སྒོམ་སྡེ་ནས༽
- ལས་རིམ་ ༡༤ པ་ནང་ཀ།།
གིང། ་་་་་་་་་་་་་་་་་་་་་་་་༼ བོད་འཆམ་པ ༽
- ལས་རིམ་ ༡༥ པ་ནང་ཀ།།
ཞབས་བྲོ།