PHAG CHAM OF PEMA LINGPA CENTRAL SCHOOL

 ༈ གཏམ་ཞིང་ཕག་ལ་མཆོད་པ་དང་པད་གླིང་ཕག་འཆམ་གྱི་འབྱུང་ཁུངས་མདོར་བསྡུས། 

སྔོན་དུས་རབས་ ༡༦ པ་སྤྱི་ལོ་ ༡༥༠༡ གནམ་ལོ་ལྕགས་མོ་བྱ་ལོ་ རང་ཟླ་བརྒྱད་པར་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་པདྨ་གླིང་པ་མཆོག་ གདན་ས་དང་པ་སྟང་པདྨ་གླིང་ལུ་བཞུགས་པའི་སྐབས་ཆོས་འཁོར་སྡེ་པ་ཀུན་ཐུབ་མཆོག་གིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་བསྐྱིད་ ཡང་དགོས་ང་བཅས་སྨན་ལྗོངས་ཙན་དན་བཀོད་པའི་རྒྱལ་ཁབ་ཀྱི་སེམས་ཅན་རྣམས་ཚོགས་བསགས་པའི་ཕྱིར་ རང་ལིགས་མཐུན་མོ་མ་ཡིན་པའི་བཟོ་བཀོད་ཐོག་ལས་ ཕྱག་མཆོད་ཀྱི་རྟེན་གཙུག་ལག་ཁང་གཅིག་  ཨོ་རྒྱན་རིན་པོ་ཆེའི་སྐུ་རྗེས་བཞུགས་ཡོད་པའི་མདུན་ཕྱོགས་ ས་གནས་ཡངས་ཤིང་རྒྱ་ཆེ་བའི་གཏམ་ཞིང་ཐང་ན་བཞེངས་གནང་དགོས་པའི་ཞུ་བ་ཕུལ་བ་བཞིན་དུ་  རིག་འཛིན་ཆེན་པོས་མ་འོངས་བསྟན་དང་འགྲོ་བའི་དོན་ལུ་དགོངས་ཏེ་  སྟང་ལས་གཏམ་ཞིང་ལུ་ ལྷ་ཁང་གི་ས་གཟིགས་པར་འབྱོན་གནང་སྐབས་ ད་ལྟོ་ལྷ་ཁང་གི་ས་གནས་དེ་ཁར་ འཕེབས་ད་མཁའ་འགྲོའི་གཙོ་མོ་རྒྱལ་ཡུམ་རྡོ་རྗེ་ཕག་མོ་སྐུ་དངོས་སུ་འབྱོན་བཞིནམ་ལས་ སྐུ་འཆམ་དང་བཅས་པའི་གོ་ལས་ ས་འདུལ་ གནང་བའི་སྐབས་ཀྱི་ འཆམ་གྱི་ལེའུ་ཚུ་ག་རང་གཏེར་ཆེན་མཆོག་གིས་  ས་བདག་གི་གནོད་པ་བཟློགས་ཐབས་ལུ་གཟིགས་ཏེ་  ཁོ་རའི་སློམ་ཚུ་ལུ་སྟོན་གནང་བཞིནམ་ལས་ཚུར་ད་ལྟོའི་བར་རྒྱུན་མ་ཉམས་པར་བཞུགས་ཡོདཔ་ཨིན།  


སྦྱིན་བརླབས་ཅན་གྱི་གཏེར་འཆམ་གྱི་ལེའུ་བརྒྱད་པའི་

དང་པོ་ལམ་འགྲོས། 

གཉིས་པ་ས་རྨོས།

གསུམ་པ་ལག་སྡོམ།

བཞི་པ་མདོ་ཞག

ལྔ་པ་འདོམ་འཇལ།

དྲུག་པ་བགེགས་བསྐྲད།

བདུན་པ་ཕྱག་འཚལ།

བརྒྱད་པ་འཛུལ་འཆམ།


ཕག་འཆམ་ཟེར་ཞུ་དགོ་མི་འདི་ཡང་།

༡༽ མཁའ་འགྲོ་རྡོ་རྗེ་ཕག་མོའི་སྐུ་འཆམ་འབད་ནི་འདི་གི་

     ཕག་མོའི་འཆམ་ཟེར་ཞུ་ཡོདཔ་དང་།

༢༽ ཕག་གདོང་གི་ཞལ་འབགཔ་བཞེས་འདི་གར་འཆམ་   

       གནངམ་ལས་ཕག་འཆམ་ཟེར་ཞུཝ་ཨིན་པས།


ཕག་ལ་མཆོད་པ་ཟེར་ཞུ་དགོ་མི་འདི་ཡང་།

༡༽ མཁའ་འགྲོ་རྡོ་རྗེ་ཕག་མོས་གཏམ་ཞིང་ལྷ་ཁང་གི་ས་འདུལ་

    གནང་བའི་བཀའ་དྲིན་རྗེས་འདྲེན་ལུ་ ལོ་བསྟར་གླུ་དགར་  

    ཚོགས་མཆོད་ཕུལ་བའི་ཉིནམ་སྦེ་ནི་དེ་གི་ ཕག་ལ་མཆོད་པ་

    ཟེར་ཞུཝ་ཨིན་པས།

༢༽ ལོ་བསྟར་ཕག་གི་ཟླ་བ་ལུ་གནང་སྲོལ་ཡོད་པའི་མཆོདཔ་གཅིག་སྦེ་ནི་འདི་གི་  ཕག་ལ་མཆོད་པ་ཟེར་ཡང་ཞུཝ་ཨིན་པས།