𝗖𝗵𝘂𝗻𝘆𝗶𝗽𝗮𝗶 𝗟𝗼𝘀𝗮𝗿 𝗧𝗮𝘀𝗵𝗶 𝗗𝗲𝗹𝗲𝗸

 

𝗖𝗵𝘂𝗻𝘆𝗶𝗽𝗮𝗶 𝗟𝗼𝘀𝗮𝗿 𝗧𝗮𝘀𝗵𝗶 𝗗𝗲𝗹𝗲𝗸

Many Bhutanese communities celebrate a losar (ལོ་གསར་) or New Year on the first day of the twelfth month in the common Bhutanese calendar. This ancient New Year falls on the new moon of the month in which the full moon meets with the constellation Gyal (རྒྱལ་), Pushya Nakshatra or Cancri. The calculation is based on the teachings such as Vajraḍakamahātantra and Gongdue (དགོངས་འདུས་) teachings of Sangay Lingpa (1340-96). As it is observed at the beginning of the twelfth month in the current Bhutanese calendar, the New Year is today known as the New Year of the twelfth month (བཅུ་གཉིས་པའི་ལོ་གསར་).

It is very likely that this losar was seen as the beginning of the year before the current calendar system became popular. As the majority of the Bhutanese population, which observes this New Year is located in eastern Bhutan, it is also common to find the term Sharchokpi Losar (ཤར་ཕྱོགས་པའི་ལོ་གསར་) or New Year of Eastern Bhutan used to refer to this New Year. However, the observance of this New Year is not limited to eastern Bhutan, and today with easy communication facilities, migration of people and intermarriages between various regions of Bhutan, people all over Bhutan and other parts of Himalayas also observe this New Year.

In Bhutan, the day is also known as the Traditional Day of Offering as some people claim that Bhutanese citizens made the annual offering of grains to Zhabdrung Ngawang Namgyal in Punakha during this New Year. The Trongsa Penlop is said to have led the representatives of eight eastern regions, the Paro Penlop the people of western Bhutan and the Darkar Ponlop the people of the south in order to make offerings. In this regard, some people place a great significance in this New Year as a marker of Bhutan’s sovereignty and solidarity. However, some scholars contest that such practice of making offerings existed as there is no clear evidence. In any case, it is likely that before Zhabdrung Ngawang Namgyal’s unification of Bhutan as a state, the local population in some of Bhutan’s valleys celebrated this day as a New Year. As a result, even the new government of Zhabdrung, then largely a monastic court, perhaps saw this as an important point in time. The retirement and appointment of high officials in the government and the monastic body took place mainly during this New Year celebrations.

Zhabdrung Ngawang Namgyal, the founder of Bhutan, was a staunch follower of Sangay Lingpa’s teachings. He invited Sangay Lingpa’s descendant Rigzin Nyingpo to bestow him the entire teachings of Sangay Lingpa and incorporated rituals such as the Lama Gongdue into the ritual curriculum of the State Monk Body. Thus, it is also likely that he preferred the calendar and New Year tradition found in Sangay Lingpa’s teachings.

Like other Bhutanese seasonal festivals marking a new season, the Chunyipai Losar falls around Winter Solstice when the days start to get longer again. It also falls at the end of all the agricultural work and before the new agricultural season begins. Thus, it is a seasonal celebration which is aligned well with the agricultural life of the population.

The Chunyipai Losar, in the past, was celebrated for several days. Families got together to eat good food, play games and party in the evenings. In the evening, men and women often have parties at one of the households. Today, many families also go out to have picnics lunches. The Chunyipai Losar was once removed from the list of national holidays but it was reinstated in recent times.

Author: Lopen Karma Phuntsho

གཏེར་གྱི་ལོ་རྒྱུས།


སྤྱིར་སྟངས་གཏེར་གྱི་ལོ་རྒྱུས།


སྐད་ཡིག རྫོང་ཁ། English

༈ སྤྱིར་སྟངས་ཀྱི་ལོ་རྒྱུས་ལྟར་དུ་འབད་བ་ཅིན་ གཏེར་ཟེར་མི་འདི་ཨྱོན་གུ་རུ་རིན་པོ་ཆེ་གིས་ བོད་གངས་ཅན་གྱི་ལྗོངས་ལུ་དམ་པའི་ཆོས་ཀྱི་འཁོར་ལུ་བསྐོར་བའི་སྐབས་ལུ་ མ་འོངས་པའི་དུས་ངན་པ་འབྱུང་བའི་སྐབས་ལུ་ ཕན་ནི་གི་དོན་ལུ་སྐུ་རྟེན་སྐུ་འདྲ་དང་ཅ་ལ། གསུང་རྟེན་དཔེ་ཆ། ཐུགས་རྟེན་མཆོད་རྟེན་དང་རྡོ་རྗེ་དྲིལ་བུ་ལ་སོགས་པ་ སྐུ་གསུང་ཐུགས་ཀྱི་རྟེན་ ས་རྡོ་རི་བྲག་ཚུ་ནང་ སྦ་སྟེ་བཞག་མི་དེ་ཚུ་ ཤུལ་ལས་ལུང་བསྟན་ཅན་གྱི་གཏེར་སྟོན་པ་ཚུ་གི་བཏོན་མི་གཅིག་ལུ་གོ་དོ་ཡོདཔ་ཨིན།


General history of Ter

Generally, according to the history, the Ter is referred to the concealed treasures such as statues, scriptures and stupas which symbolize the devine body, devine speech and devine mind. And those very things were concealed in the earth, rock and cave by Guru Padmasambhava while he was turning the wheel of Dharma in Tibet to benefit the beings in future when crisis taking place. Later on, those things were revealed by prophesied Tertonpas. So in brief, Ter means revealed treasures which were concealed by Guru Rinpoche for the benefit of all beings in future.


ཨིན་རུང་ རྒྱལ་རབས་ལོ་རྒྱུས་དེ་ཚུ་ནང་ལས་ཐོན་དོ་བཟུམ་འབད་བ་ཅིན། གཏེར་སྟོན་ཚུ་གིས་བཏོན་པའི་གཏེར་འདི་ཡང་ དང་ཕུག་གི་ཅ་ལ་རྙིངམ་ སྦ་སྟེ་བཞག་མི་གཅིག་ལུ་ གོ་དོ་ཡོདཔ་ཨིན་མས། དེ་ཡང་དུས་རབས་བདུན་པའི་ནང་ ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱོན་པའི་སྐབས་ལུ་ བོན་ཆོས་བསྣུབས་པ་མ་ཚད། ཤུལ་ལས་རུས་རབས་བརྒྱད་པའི་ནང་ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བྱོན་པའི་སྐབས་ལུ་ བོན་ཆོས་ཧ་ལམ་རྩ་མེད་བཏང་པའི་སྐབས་ལུ་ བོན་གྱི་མཁས་གྲུབ་དེ་ཚུ་ མཐའི་རྒྱལ་ཁམས་ཚུ་ནང་བྱོག་སྟེ་བྱོན་ཡོདཔ་ཨིན་རུང་ བོན་པོ་རང་གི་སྐུ་གསུང་ཐུགས་རྟེན་དེ་ཚུ་ འབག་སྟེ་མ་ཐེག་པར་ས་རྡོ་རི་བྲག་ཚུ་ནང་སྦ་སྟེ་བཞག་ཡོདཔ་དང་། རྒྱལ་པོ་གླང་དར་མའི་ཤུལ་ལས་ དམ་པའི་ཆོས་ནུབ་པའི་སྐབས་ལུ་ཡང་བོན་པོ་དང་འདྲཝ་སྦེ་ ནང་པའི་སྐུ་གསུང་ཐུགས་རྟེན་འདི་ཚུ་སྦ་དགོཔ་ཐོན་ཡོདཔ་ཨིན་པས།


But according to the history of Royal Genealogies, Ter which were revealed by Tertonpas werereffered to the antique things, such as  in the seventh century, the King TsongtsenGampo had destroyed the Bon choe (ancient religion of Tibet) and also in the eighth century during the reign of King Thritsong Deotsen, the Bon choe was almost eliminated. During that time, the scholars from Bon escaped from the Tibet and headed out to the border regions but their sacred things which symbolize the devine body, speech and mind were required to be concealed in the earth, rock and cave due to heavy load. Later on, when King Lang Darma destroyed the Buddha Dharma, sacred symbolic things were also required to be conclealed such as Bon did.


དེ་ལས་དུས་རབས་བཅུ་པའི་ནང་ བསྟན་པ་ཕྱི་དར་གྱི་སྐབས་ལས་ རྒྱལ་ཁབ་སྤྱི་ལུ་དབང་བའི་རྒྱལཔོ་མེད་པར་ རང་དབང་རང་ཚད་ཨིནམ་ལས་ བོན་པོ་གིས་བོན་གཏེར་བཏོན།  ཆོས་པ་གིས་ཆོས་གཏེར་གཏོན་པའི་སྐབས་ལུ་ སྐབས་རེས་ཁ་བྱང་འཛོལ་ཏེ་ བོན་གྱིས་ཆོས་གཏེར་བཏོན། ཆོས་པ་གིས་བོན་གཏེར་བཏོན་ཏེ་ ཤུལ་ལས་ཕར་ཚུར་བསོར་དེ་རྐྱབ་པའི་ལོ་རྒྱུས་ཡང་འདུག  ག་ལས་སྒོར་རུང་ ས་རྡོ་རི་བྲག་ལས་ཐོན་པའི་སྐུ་གསུང་ཐུགས་རྟེན་དེ་ཚུ་ ཧེ་མ་རྒྱལ་ཁབ་ལུ་དཀའ་ངལ་ཐོན་པའི་སྐབས་ལུ་ སྦ་སྟེ་བཞག་པའི་ཅ་ལ་གཅིག་ཨིནམ་ཐག་ཆོད་ཨིན་མས།

Then in the tenth century, during the later dissemination of Buddhism in Tibet, since there wasn’t king, all have freedom and started to reveal the Bon Ter by Bonpos and Buddhist Ter by Buddhists. But there was also history that sometimes by the mistake of address, Bonpos revealed the Buddhist Ter and Buddhists revealed the Bon Ter, and exchanged each other later on. However, all the sacred symbolic things which were discovered from the earth, rock and cave were decided that those things were concealed things when crisis took place in the nation in earler time.


གཏེར་གྱི་མ་འོངས་ལུང་བསྟན།

གོང་ལུ་ཞུ་མི་རྒྱུ་མཚན་དེ་ལས་བརྟེན་ཏེ་ གཏེར་ལས་བྱུང་པའི་ལུང་བསྟན་དེ་ཚུ་ཡང་ བརྒྱ་ཆ་བརྒྱ་ཐམ་པ་མི་བདེན་ཟེར་ཞུ་ནི་མེད།  ཨིན་རུང་བརྒྱ་ཆ་བདུན་བཅུ་དེ་ཅིག་ མི་བདེན་པའི་གནས་ཚུལ་བྱུང་དོ་ཡོདཔ་ཨིན་མས། དེ་ཡང་ག་དེ་སྦེ་སྨོ་ཟེར་བ་ཅིན་ གུ་རུ་རིན་པོ་ཆེ་གིས་མ་འོངས་སེམས་ཅན་གྱི་དོན་ལུ་ སྦ་སྟེ་བཞག་པའི་གཏེར་ངོ་མ་དང་། གཏེར་སྟོན་པ་རང་གིས་སྦ་ཞིནམ་ལས་ རང་གིས་བཏོན་པའི་གཏེར་བརྫུས་མ་ཡང་ལེ་ཤ་ཡོདཔ་ཨིན་མས། གཏེར་བརྫུས་མ་ཡོད་པའི་སྐོར་ལས་ ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱི་ རང་རྣམ་ནང་ལུ་གསུངས་ཡོདཔ་མ་ཚད། ཐའུ་ཀན་ཆོས་ཀྱི་ཉི་མའི་ གྲུབ་མཐའ་ནང་ལུ་ཡང་ རྒྱས་ཤིང་རྒྱསཔ་གསུངས་སྟེ་ཡོད།

Future prophesy of Ter

As given reason in the above, I cannont say that all the prophesies stated in the Ter would behundred percent untrue but it happened that seventy percent isnot being true.

How can prove is that there are real Ter which was concealed by Guru Rinpoche for the well-being of sentient beings in future and  also many false Ter which were concealed by Tertonpas and revealed by themselves. Lord of Dharma DrukpaKuenlek had stated about the existence of false Ter in his autobiography and also ThoukenChoekyiNyima had mentioned about it in detail in his Treatise of Siddhanta (Tenet).


དེ་ལས་ཁག་ཆེ་ཤོས་གཅིག་འདི་ དགོངས་གཏེར་ཟེར་མི་འདི་ཨིནམ་དང་། དེ་ཡང་གུ་རུ་རིན་པོ་ཆེ་གི་ ཐུགས་ཀྱི་དགོངས་པ་ལུ་ཤར་མི་འདི་ གཏེར་སྟོན་པ་ཚུ་གི་དག་སྣང་ལུ་ཤར་ཞིནམ་ལས་ ཡིག་ཐོག་ལུ་ཕབ་མི་འདི་ལུ་གོ་ནི་ཨིན་རུང་། གཏེར་སྟོན་པ་རང་གི་ཐུགས་ལུ་ཤར་རེ་ཤར་ཚེ་ གུ་རུ་རིན་པོ་ཆེའི་དགོངས་པ་ཨིནམ་བཟོ་ཞིནམ་ལས་ བྲིས་བྲིཝ་ཡང་ལེ་ཤ་ཐོན་ནི་ཡོདཔ་ཨིན་མས།

Among them, Gongter (Treasure of Thought) is the very essential thing as it was transcribed into letter by Tentonpas what had been manifested in the heart of Guru Rinpoche after having manifested in their pure vision. But at same time, there were many Ter introduced as a Thought of Guru Rinpoche (Gongter) although those were written all the things what has been raised in their minds.


རྒྱུ་མཚན་དེ་ཚུ་ལུ་བརྟེན་ཏེ་ ལུང་བསྟན་མང་ཤོས་རང་ གུ་རུ་རིན་པོ་ཆེ་གིས་གནང་གནངམ་མེན་པར་ གཏེར་སྟོན་ཁོ་རང་གི་ཐུགས་ལས་བཏོན་བཏོན་པའི་ལུང་བསྟན་ལེ་ཤ་ཡོདཔ་ཨིན། དེ་ཡང་ལུང་བསྟན་དེ་ཚུ་ ག་ཅི་བཟུམ་འདུག་གོ་ཟེར་བ་ཅིན། དཀའ་ངལ་ག་ཅི་ཐོན་རུང་ འདི་གི་བཟློག་ཐབས་ལུ་ ལྷ་འདི་གི་སྐུ་གཅིག་བཞེངས་ད་ཟེར་ནི་དང་། ཆོ་ག་འདི་བཟུམ་ཅིག་གཏང་དགོ་ ཟེར་བའི་ལུང་བསྟན་ཙང་ཙང་མ་གཏོགས། མ་འོངས་རྒྱལ་ཁབ་ཀྱི་ འཛིན་སྐྱོང་ག་དེ་སྦེ་འབད་དགོཔ་ཨིན་ན་དང་ རྒྱལ་ཁབ་གཞན་དང་འབྲེལ་བ་ག་དེ་སྦེ་འཐབ་དགོཔ་ཨིན་ན། འཛིན་སྐྱོང་འདི་བཟུམ་འབད་མི་གི་ མི་ངོམ་ག་ཟེར་མི་འདི་འབྱོན་འོང་ག་ཚུ་གི་ལུང་བསྟན་ག་ནི་ཡང་མེད་པའི་ཁར། ནད་ཡམས་མ་འདྲ་བ་ག་དེ་སྦེ་ཐོན་རུང་ དེ་ལུ་ཕན་པའི་སྨན་ འདི་བཟུམ་ཅིག་བཟོ་དགོ་ཟེར་བའི་ སྨན་སྦྱོར་གྱི་ཡི་གུ་གཅིག་ཡང་ཐོན་ནི་མེདཔ་དང་།

Because of that many prophesies were not prophesied by Guru Rinpoche but there are many prophesies those were extracted from the minds of Tertonpas themselves.

you may only find in many prophesies that whatever problems occurred, it is required to build this statue and have to do this ritual practice for that antidotes but you won’t find any prophesy which guides you how to administrate the nation in future, how to make a good relation with other nations, who would come to administrate in such a nation and also you won’t find any idea of medicine for the remedy of various contagious diseases.


ཡང་ན་ཆོས་དང་འབྲེལ་བ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས། བོན་དང་བཅས་པ་ལྔ་ལས་རྙིང་མ་མ་གཏོགས་པའི་ཆོས་བརྒྱུད་གཞན་པའི་སྐྱེས་ཆེན་དམ་པ་ཚུ་གི་ལུང་བསྟན་དག་པ་རེ་ལས་ཐོན་ནི་མིན་འདུག།

In other way, among the five great Tibetan sects such as Nyingma, Kagyu, Sakya, Geluk and Bon, except Nyingma there are only few prophesies stated by the noble person from the other sects.


ལུང་བསྟན་འདི་བཟུམ་གྱི་ལོ་རྒྱུས་གཞན་ཡང་ལེ་ཤ་ཡོདཔ།

ཧིན་དུ་ནང་། ཧིན་དུའི་སྔོན་རབས་དེ་ཚུ་ (ཁྱབ་འཇུག་གི་སྔོན་རབས། Vishnu Puraan) ནང་ལས་ མ་འོངས་པའི་རྒྱལཔོ་ཚུ་གི་ལུང་བསྟན་བཤད་པའི་སྐབས་ལུ་ རྒྱལཔོ་རྣམ་གནོན་ཉི་མ༼ཀུ་མཱར་གུཔྟ༽ལ་སོགས་པའི་ ཧིན་དུའི་རྒྱལཔོ་ཚུ་གི་ལུང་བསྟན་མ་གཏོགས་ རྒྱ་གར་རྒྱལ་ཡོངས་ནང་བཀའ་དྲིན་ཆེ་བའི་ཆོས་རྒྱལ་མྱ་ངན་མེད་ཀྱི་ལུང་བསྟན་ཐོན་ནི་མིན་འདུག དེ་སྦེ་ཡོད་དགོ་མི་འདི་ཡང་སྔོན་རབས་དེ་ཚུ་ བསྐལ་པ་རྫོགས་ལྡན་གྱི་དུས་ལུ་ བརྩམས་ཡོདཔ་སྦེ་ཡིད་ཆེས་བསྐྱེདཔ་ཨིན་རུང་ དོན་ངོ་མ་ལུ་ཁྱབ་འཇུག་སྔོན་རབས་དེ་ རྒྱལཔོ་ཀུ་མཱར་གུཔྟའི་ཤུལ་ལས་ དུས་རབས་དྲུག་པའི་ནང་བརྩམས་པའི་ ཧིན་དུའི་གཞུང་གཅིག་ཨིནམ་ལས་བརྟེན་ཏེ་ ཧིན་དུའི་ཆོས་ལུགས་ལུ་བཀའ་དྲིན་ཆེ་བའི་རྒྱལཔོ་དེ་ འབྱུང་ནི་ཨིནམ་སྦེ་ལུང་བསྟན་བྲིས། ཆོས་རྒྱལ་མྱ་ངན་མེད་འདི་ ནང་པ་ཨིན་ནི་འདི་གིས་མ་བྲིས་བར་བཞག་བཞགཔ་ཨིན་མས།

There are many other history like this prophesy.

In Hindu, when telling about the prophesies of future kings in Ancient Histories of Hindu such as in Vishnu Puraan, only the prophesies of Hindu Kings such as Kumar Gupta and so on were available but not the prophesy of King Ashoka who was great benevolent over the whole India. The reason was that although it is believed that Ancient Histories were written in golden age, in reality Vishnu Puraan was written in the sixth century after the dynasty of king Kumar Gupta. Therefore, prophesies of Hindu Kingswho were great gracious to Hindu Dharma must be written in that history but not the Dharmic King Ashoka due to being a Buddhist.

ནང་པའི་ནང་། འཕགས་པ་གླང་རུའི་ལུང་བསྟན་ནང་ སངས་རྒྱས་བཞུགས་པའི་སྐབས་ལུ་ ལི་ཡུལ་༼UgurXizang༽མཚོ་སྦེ་ཡོདཔ་དང་། འཇམ་དཔལ་རྩ་རྒྱུད་ལུང་བསྟན་ནང་ བོད་ཡུལ་(Tibet or Nepal) མཚོ་སྦེ་ཡོདཔ་སྦེ་ཐོན་ནི་འདུག ཨིན་རུང་སངས་རྒྱས་བཤགས་ཏེ་ ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལས་ལྷགཔ་ཅིག་མ་སོངམ་དང་། ལི་ཡུལ་དང་བོད་ཡུལ་ནེ་པཱལ་ཀཐ་མཎ་ཌུའི་མཚོ་རལ་ཏེ་ ལོ་ངོ་ས་ཡ་བག་མེད་ཅིག་ཡར་སོང་ནུག

According to the Buddhism, in the prophesy of PhakpaLangru, it was stated that Liyul (Ugur Xizang) was filled with lake during the life of Buddha and in the prophesy of JampalTsagyud, it was written that Tibet or Nepal was in the form of lake and it was only more than two thousand and five hundred years ago after Buddha got the Mahaparinirva but found more than one million yearspassed after dried out the lake of Liyul and Kathmandu of Nepal.


གཏེར་མའི་ནང་། བདེ་ཆེན་མཆོག་འགྱུར་གླིང་པ་གིས་ གཏེར་ལས་བཏོན་པའི་བར་ཆད་ལམ་སེལ་ནང་ལུ་ཡང་། གུ་རུ་པདྨ་འབྱུང་གནས་དང་། པན་ཇཱབ་གྱི་གུ་རུ་འཛོལ་ཏེ་བྲིས་བྲིཝ་ལེ་ཤ་འདུག དེ་བཟུམ་སྦེ་པདྨ་བཀའ་ཐང་ནང་གི་ གུ་རུའི་འཁྲུངས་རབས་དང་། གུ་རུ་རིན་པོ་ཆེ་དང་། དགྲ་བཅོམ་པ་ཉི་མ་གུང་པ་གཉིས་འཕགས་པ་ཀུན་དགའ་བོ་ལས་སྡོམ་པ་ཞུ་ཚུལ་དེ་ཚུ་ ལོ་ཚིགས་མི་འགྲིགས་པ་དང་། གུ་རུ་འཁྲུངས་པའི་ལོ་ངོ་གསུམ་སྟོང་གི་ཤུལ་ལས་ བོད་ལུ་བྱོན་པའི་ལོ་རྒྱུས་འདི་ཡང་ སངས་རྒྱས་དང་དུས་རབས་བརྒྱད་པའི་རྒྱལ་པོ་ཁྲི་སོང་གི་བར་ན་ ལོ་ངོ་གཅིག་སྟོང་སུམ་རྒྱ་ལྷག་ཙམ་ལས་མེད་པ་ལུ་ གུ་རུ་དང་ཁྲི་སྲོང་གཉིས་ཀྱི་བར་ན་ ལོ་ངོ་སུམ་སྟོང་ག་དེ་སྦེ་འོང་ནི། དེ་བཟུམ་སྦེ་གུ་རུ་བུམ་ཐང་བྱོན་པའི་ལོ་རྒྱུས་དང་། ཁེན་པ་ལྗོངས་ལས་ རྒྱལཔོ་ཁྱི་ཁ་ར་ཐོད་ ཤིང་གི་གནམ་གྲུ་ནང་བཙུགས་ཏེ་བུམ་ཐང་སྐྱེལ་བའི་ལོ་རྒྱུས་ཚུ་ཡང་ ཡ་མཚན་ཅན་ཙང་ཙང་ཨིན་མས།

According to the Terma, also in the BarchedLamsel which was revealed from the Ter by TerchenChokgyurLingpa, in which there were many mistakes in recogninizing the Guru PemaJungney and Guru from Panjab. Similary, the birth story of Guru mentioned in PemaKathang, the year in which Guru Rinpoche and ArhatNyimaGungpa had received the precepts from the ArhatKungawo doesn’t match each other. In history, it was mentioned that Guru made a journeyto Tibet after three thousand years of his birth so then how is it possible of three thousand years between the Guru and King Thrisong because there are only more than one thousand and three hundred years between the Buddha and eighth century. In similary way, these were only mysterious stories about the Guru’s visiting to Bumthang and King KhikhaRathoe who was reached to Bumthang in wooden airplane.


མདོར་ན་ལུང་བསྟན་དེ་ཚུ་ མི་གཅིག་གིས་འདས་པའི་གནས་ཚུལ་དག་པ་ཅིག་ མ་འོངས་ལུང་བསྟན་ཨིནམ་བཟུམ་སྦེ་བྲིས་ཞིནམ་ལས་ མི་དེ་ཚུ་ཡིད་ཆེས་བསྐྱེད་བཅུག དེ་ལས་ད་ལྟོ་བྱུང་སྟེ་ཡོད་པའི་གོ་གནས་ཅན་གྱི་མི་ཚུ་ རང་གི་ཆོས་བརྒྱུད་དང་འབྲེལ་བའི་ལྷ་དང་ལྷམོ་ ག་འབད་རུང་གཅིག་གི་སྤྲུལ་པ་ཨིནམ་སྦེ་ལུང་བསྟན་བྲིས་ཞིནམ་ལས་ རང་གི་ཆོས་བརྒྱུད་འདི་ གོང་འཕེལ་གཏོང་ནི་གི་ཐབས་ལམ་འབདཝ་མ་གཏོགས། ལུང་བསྟན་གནང་མི་ཚུ་གིས་ རྒྱལ་ཁབ་ཀྱི་སྲིད་བྱུས་དང་འཛིན་སྐྱོང་། མ་འོངས་རྒྱལ་ཁབ་ཀྱི་སྲུང་སྐྱོང་ཚུ་གི་སྐོར་ལས་ག་ནི་མི་ཤེསཔ་ལས་ ལུང་བསྟན་དེ་ཚུ་ལག་ལེན་འཐབ་པ་ཅིན་ རྒྱལ་ཁབ་ལུ་སྟབས་མ་བདེཝ་འབྱུང་ནི་གི་ཉེན་ཁ་ཡོདཔ་མ་ཚད། རྒྱལ་རབས་ཀྱི་ལོ་རྒྱུས་ཚུ་ཡང་ གཏེར་ལུང་དང་འཁྲིལ་ཏེ་འབྲི་བ་ཅིན། ཤུལ་ལས་རྒྱལ་རབས་རྒྱང་ནི་གི་ཉེན་ཁ་འོང་།

In summary, the prophesies were wriiten by someone to make them believe through writing some passed information as a future prophesy. Then only strive to develop the one’s own lineage by writing the prophesy that prophesies designated and reputed persons as their divine god or goddess but those prophets had no idea about the policy, administration and preservation of nation. So there is a danger of taking crisis in nation if such prophesies were put into practice. In addition, there is a risk of loosing the historyof nation if history should be written in accordance with the prophesy of Ter.


སྐབས་དོན་གཏེར་བདག་གླིང་པའི་མ་འོངས་ལུང་བསྟན།
གཏེར་བདག་གླིང་པའི་ལུང་བསྟན་འདི་ ཉིནམ་དག་པ་ཅིག་གི་ཧེ་མར་ ཐིམ་ཕུག་ཨམ་གཅིག་ལས་ཐོབ་ཅི། ཨམ་འདི་གི་རེ་བ་ལྟར་དུ་འབད་བ་ཅིན་ ལུང་བསྟན་འདི་འདྲ་བཤུས་རྐྱབ་སྟེ་ བཀྲམ་དགོཔ་སྦེ་ཨིན་མས། ཨིན་རུང་ནང་དོན་ཞིབ་ཕྲ་སྦེ་བལྟཝ་ད་ བཀྲམ་བཏུབ་ཅིག་མིན་འདུག ལུང་བསྟན་འདི་ཤོག་ལེབ་བཅུ་བདུན་ཡོདཔ་དང་། ཤོག་ལེབ་རེ་རེ་བཞིན་དུ་གི་ ནང་དོན་ག་ཅི་རང་སྟོན་དོ་ཡོདཔ་ཨིན་ན་གི་སྐོར་ལས་ མདོར་བསྡུས་ཙམ་ཅིག་ ཤོག་ཁྲམ་ནང་ལོགས་སུ་བཀོད་དེ་ཡོད། གཏེར་དེའི་ནང་དོན་ངོ་མ་ ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་འཁོར་ཨིན་རུང་། བར་ན་ལས་འབྲེལ་བ་མེད་པའི་ འབྲུག་གི་ལོ་རྒྱུས་ལྟས་ངན་འདི་བཟུམ་ཅིག་ཐོན་མི་འདི་ ཤུལ་ལས་མི་གཅིག་གིས་བཙུགས་བཙུགསཔ་ཨིནམ་ཐག་ཆོད་ཨིན་མས།

Related future prophesy of TerdakLingpa
Recently, I have got the prophesy of TerdakLingpa from one woman at Thimphu. According to her wish, she wanted to copy it and spread over the others but when I go through it in detail, it wasn’t found worthwhile to spread over. It consists of seventeen pages and I have given in brief in below digramthat what each and every page means about. The main inner topic was the teaching of Great Compassionate Embodiment of Sugatas but in the middle, it was found such an unrelated inauspicious history about the Bhutan. It is definitely sure that someone has put it in that prophesy later on.

MILAREPA

 

Milarepa (1052–1135), one of Tibet's most revered yogis and poets, had a difficult and tragic childhood that greatly influenced his later spiritual journey. Here's an overview of his early life:

Birth and Family

Birth Name: Milarepa was originally named Thöpaga, meaning "Delightful to Hear," because of his pleasant voice.

Birthplace: He was born in Kyanga Tsa, a village in Gungthang (modern-day Tibet).

Family: Milarepa was born into a wealthy family. His father, Mila Sherab Gyaltsen, was a successful trader, and they lived a prosperous life.

Tragedy in Childhood

1. Loss of His Father:

When Milarepa was seven years old, his father passed away. Before his death, his father entrusted the family wealth to Milarepa's uncle and aunt until Milarepa came of age.

2. Betrayal by Relatives:

Instead of honoring the trust, the uncle and aunt took over the family's property, leaving Milarepa, his mother, and his sister destitute. They were subjected to harsh treatment and forced into servitude.

Mother's Desire for Revenge

Milarepa’s mother, driven by anger and resentment, encouraged him to study black magic to exact revenge on their oppressors.

She sent him to study under a sorcerer, and Milarepa became skilled in tantric practices involving destructive spells.

Acts of Revenge

Milarepa used his newfound powers to destroy the relatives' house during a wedding feast, killing many people inside.

Overcome with guilt for the suffering he caused, Milarepa began seeking a path to redemption.

Turning Point

Realizing the consequences of his actions, Milarepa sought a spiritual teacher to guide him toward enlightenment. This marked the beginning of his transformation.

He eventually became a disciple of Marpa Lotsawa, a renowned Tibetan Buddhist master, who subjected him to intense trials to purify his karma.

Significance of His Early Life

Milarepa’s early life, filled with suffering, revenge, and remorse, serves as a powerful example of how one can transform even the most negative karma through perseverance, devotion, and spiritual practice. He later became known for his profound teachings and songs of realization.


UGYEN GATSHEL LAKHANG, RADHI


The temple was founded by Abi Pema and Mammy Gyeltshen in 1968

UGYEN GATSHEL LAKHANG: 

The lhakhang is located in Joenla village in Radhi Gewog, Trashigang Dzongkhag, 5 km from Rangjung town on the way to Merak and Phongmay and close to the road head.

The local people said that Ugyen Gatshel lhakhang was founded by Abi Pema and Mammy Gyeltshen of Joenla village in 1968. 

Without any written sources and in the absence of Karchag (Chronicles) it is difficult to determine the exact year of its construction. Many local people of Joenla, states that it is about 57 years old. Based on this, the most likely date related to its origin is 1968. 

Before temple it was small water wheel (Chukhor Mani), the people of Joenla village used for irrigation to paddy field. Later, constructed a small temple for placed to Nyungney and after few years the old temple still exists close by the present lhakhang and but again, both the year of the construction and enlarged by the people of Joenla Tshetse and Joenla pam village.

Since, its construction in 1968, it has been renovated. Restoration works were carried out in the 1970s for the first time. Later, in 2022, it was renovated by the people of Joenla Tshetse and Joenla pam chewog with support from the Royal Government of Bhutan.  The enlarged the courtyard and tiles work are done in year ended of 2024 with support of donation. At the present the lhakhang is under the guidance of venerable Lama Younten Phuntsho and has about 40 Gomchens (lay monks).

Founder of Mask Dance in Joenla, the Garpa Megtey, after his appointment as the Garpa (Superviser head of the villager) of Joenla village, he got married with Abi Jangchuk and he is expert in Kuencham served as Chamjug in Youdrung Chholing Dzong in Trongsa. He is from Trongsa. Later, with advise, people of Joenla to learn mask dance and still performed today. The festival dates of  Joenla Ugyen Gatshel Lakhang is on 30th Day of 10th Month in Bhutanese calendar.

Mask Dance

Tiles Work
 

གུ་རུ་མཚན་རྒྱད་འཐོང་གྲོལ་ཆེན་མོ་གསརཔ།

 


Guru Tshengay Thongdrel

སྤྱི་ཚེས་ ༠༢/༠༡/༢༠༢༥ ལུ་ འབྱོན་ལ་ཨྱོན་དགའ་ཚལ་ ལྷ་ཁང་ལུ་ གུ་རུ་མཚན་རྒྱད་གི་ འཐོང་གྲོལ་ཆེན་མོ་གསརཔ་ འབྱིན་བདག་ འབྱོར་པ་ཅན་ ཚེ་རིང་དཔལ་འབྱོར་གི་  སྐུ་འཆམ་གི་འཇུག་ལུ་འཕུལ་དེ་ མི་མང་ལུ་འཇལ་ཁར་གནང་བའི་འཐོང་གནང་།

དང་པ། གུ་རུ་མཚོ་སྐྱེས་རྡོ་རྗེ་  ཟེར་ཞུ་དགོ་མི་འདི་ རྫོགས་པའི་སངས་རྒྱས་ སྐུ་མྱ་ངན་ལས་འདས་པའི་ ཞལ་ཆེམས་ལྟར་དུ་ ཨོ་རྒྱན་གྱི་ཡུལ་ དྷ་ན་ཀོ་ཤའི་མཚོ་གླིང་དུ་ མེ་ཏོག་པད་མའི་ སྡོང་པོ་ལས་ སྐུ་འཁྲུངས་ཏེ་ རྒྱལ་པོ་ཨིན་དྲ་བྷུ་ཏི་གི་  སྲས་སྦེ་་ སྤྱན་དྲངས་པའི་སྐབས་ལུ་ མཚན་ཡང་ མཚོ་སྐྱེས་རྡོ་རྗེ་ ཟེར་ཞུ་ནུག།

གཉིས་པ། གུ་རུ་པད་མ་རྒྱལ་པོ་  ཟེར་ཞུ་དོག་མི་འདི་ ལོག་སྟེ་་ཨོ་རྒྱན་་ཡུལ་་ལུ་བྱོན་པའི་སྐབས་ བདུད་དེ་ཚུ་གིས་  གུ་རུའི་ཡབ་ཡུམ་གཉིས་ཆ་ར་ གཅིག་ཁར་སྦེ་  གསོན་བསྲེག་ཕུལ་རུང་ འབྱུང་བ་ མེ་གིས་མ་འཚིགས་པའི་  རྟགས་སྟོན་གནང་པའི་ཁར་ རྒྱལ་པོ་གིས་  རྒྱལ་སྲིད་མངའ་འབངས་དང་བཅས་  ཕུལ་བ་ལས་  མཚན་ཡང་པད་མ་རྒྱལ་པོ་ཟེར་ཞུ་ནུག།

གསུམ་པ། གུ་རུ་ཤཱཀྱ་སེང་གེ་  ཟེར་ཞུ་དགོ་མི་འདི་ རྒྱལ་སྲིད་སྤང་ཞིནམ་ལས་ སློབ་དཔོན་ཆེན་པོའི་ སྐུ་མདུན་ལས་ རབ་ཏུ་བྱུང་སྟེ་  མདོ་སྔགས་ལུགས་ཀྱི་ཆོས་ ཡོངས་སུ་རྫོགསཔ་སྦེ་  གསན་པའི་ཚུལ་སྟོན་གནངམ་ལས་ མཚན་ཡང་གུ་རུ་ཤཱཀྱ་སེང་གེ་ཟེར་ཞུ་ནུག།།

བཞི་པ། གུ་རུ་བློ་ལྡན་མཆོག་སྲེད་  ཟེར་ཞུ་དགོ་མི་འདི་ རྒྱ་གར་འཕགས་པའི་ཡུལ་གྱི་  མཁས་པ་ཚུ་ལས་ རིག་པའི་གནས་དང་ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ ཡོངས་རྫོགས་གསན་ཞིནམ་ལས་ གྲུབ་པ་ཐོབ་སྟེ་ ཡི་དམ་གྱི་ལྷ་ཚུ་གི་  ཞལ་གཟིགས་ཏེ་ མཚན་ཡང་ གུ་རུ་བློ་ལྡན་མཆོག་སྲེད་ཟེར་ཞུ་ནུག།

ལྔ་པ། གུ་རུ་པད་མ་སམ་བྷ་ཝ་  ཟེར་ཞུ་དགོ་མི་འདི་ སྲསམོ་མན་དྷ་ར་བ་དེ་  རྗེས་སུ་བཟུང་བའི་རྐྱེན་གྱིས་ ཟ་ཧོར་རྒྱལཔོ་གིས་  གསོན་བསྲེག་མཛད་པའི་སྐབས་ མེ་ཕུང་དེ་  མཚོ་ལུ་བསྒྱུར་བའི་  རྫུ་འཕྲུལ་སྟོན་ཏེ་ ཟ་ཧོར་རྒྱལ་ཁབ་ཆོས་ལུ་  བཀོདཔ་ལས་ མཚན་ཡང་ པད་མ་སམ་བྷ་བ་ཟེར་ཞུ་ནུག།

དྲུག་པ། གུ་རུ་ཉི་མ་འོད་ཟེར་  ཟེར་ཞུ་དགོ་མི་འདི་ དུར་ཁྲོད་ཆེན་པོ་  བརྒྱད་ལུ་བཞུགས་ཏེ་ མཁའ་འགྲོ་མ་དེ་ཚུ་ལུ་  ཆོས་གསུངས་གནང་སྟེ་ ལྷ་འདྲེ་གདུག་པ་ཅན་ཚུ་གི་  སྲོག་ལེན་ཞིནམ་ལས་ བསྟན་པ་སྲུང་མི་སྦེ་  བསྐོས་གནངམ་ལས་ མཚན་ཡང་ཉི་མ་འོད་ཟེར་ཟེར་ཞུ་ནུག།།

བདུན་པ། གུ་རུ་སེང་གེ་སྒྲ་སྒྲོག་  ཟེར་ཞུ་དགོ་མི་འདི་ རྒྱ་གར་རྡོ་རྗེ་གདན་ལུ་ ཕྱི་རོལ་མུ་སྟེགས་པའི་ སྟོན་པ་ལྔ་བརྒྱ་གིས་   ནང་པ་སངས་རྒྱས་པའི་བསྟན་པ་ བཤིགས་པའི་དུས་ལུ་ ལུང་དང་རིག་པའི་རྩོད་པ་གིས་ ཚར་བཅད་གནངམ་ལས་ དྲག་པོའི་སྔགས་ཀྱིས་ ནམ་མཁའ་ལས་གནམ་ལྕགས་ཕབ་སྟེ་ བསྒྲལ་གནངམ་ལས་ མཚན་ཡང་སེང་གེ་སྒྲ་སྒྲོག་ཟེར་ཞུ་ནུག།

མཇུག་ར་ གུ་རུ་རྡོ་རྗེ་གྲོ་ལོད་  ཟེར་ཞུ་དགོ་མི་འདི་ སྤ་རོ་སྟག་ཚང་  ལ་སོགས་པའི་ གནས་ཆེན་ཚུ་ནང་ རྡོ་རྗེ་དྲག་པོའི་  སྐུར་བཞེངས་ཏེ་ སངས་རྒྱས་ཀྱི་བསྟན་པ་ལུ་  ངོ་ལོག་མི་ ལྷ་འདྲེ་གདུག་པ་ཅན་ཚུ་  དམ་ལུ་བཏགས་ཏེ་ སངས་རྒྱས་ཀྱི་  ལུང་རྟོགས་ ཆོས་ཀྱི་བསྟན་པ་རིན་པོ་ཆེ་ དར་བར་བྱིན་གྱིས་བརླབས་གནང་བའི་སྐབས་ མཚན་ཡང་རྡོ་རྗེ་གྲོ་ལོད་ཟེར་ཞུ་ནུག།

སྐུ་འཆམ་དེ་གི་སྐབས་ལུ་ གཡས་ལུ་བཞུགས་མི་འདི་ ཟ་ཧོར་གྱི་རྒྱལ་ཁམས་འདུལ་བའི་སྐབས་ གུ་རུ་ཁོ་རའི་སྤྲུལ་པ་མཛད་མི་མཁའ་འགྲོ་ ལྷ་ལྕམ་མན་དྷ་ར་བ་ཟེར་མི་དང་ གཡོན་ལུ་བཞུགས་མི་འདི་ བོད་ཁམས་ མོན་པའི་གླིང་ ཆོས་ལུ་  བཀོད་ནིའི་དོན་ལུ་ རྫོགས་པའི་སངས་རྒྱས་ ག་ར་གི་ཡུམ་ཡེ་ཤེས་མཚོ་རྒྱལ་ཟེར་ཞུ་མི་འདི་ཨིན་པས། 

DUEJA/METO CHOPA

 



ON DATED 02/01/2025:- Last Day of Tshechu people presented their offering like paddy and maize to Lama, in return Lama gives us Selra to all people/community  in cash amount.